༈ ཤི་བི་ཁ་ནི་ཁྱོགས་སམ་ཤིང་གི་ཁྱོགས་ [130B] ཤིཾ་ཤ་པ་ནི་དྲི་ཉལ་ཏེ་ཨ་ཀ་རུའི་མིང་ངོ། །ཀཽ་ཤི་ཀ་ནི་མཁས་པ་དང། པདྨ་ཅན་དང་བྱ་འུག་པ། མཛོད་ལྡན་དང་ཀུ་ཤ་ཐོགས་པ་སྟེ་དོན་ལྔ་ལ་འཇུག་པར་གསུང། ཀེ་ཏ་ཀ་ནི་བགྲུངས་བྱེད་དམ་ དྭངས་བྱེད་ཅེས་པའོ།།